དེ་རིང་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འདས་མཆོད་རྗེས་དྲན།
Today is omniscient Master Mipham Gyatso Rinpoche’s Parinirvana Commemoration Day.

རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།
དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ། །
ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག །
མི་ཕམ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །


༧འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་༡༠༩འདས་པའི་དུས་ཚིགས་ཁྱད་པར་ཅན་ཡིན་པས། ཀུན་གྱིས་དགེ་སྒྲུབ་སྡིག་སྤང་དང་ཚོགས་བསགས་སྒྲིབ་སྦྱང་ལ་བརྩོན་རྒྱུ་གལ་ཆེ་ཞིང་། ཁྱད་པར་རྗེ་གང་གི་གསོལ་འདེབས་དང་སྨོན་ལམ་ལ་བརྩོན་པ་ཤིན་ཏུ་གལ་ཆེ།
སྨྲ་བའི་སེངྒེའི་མཁྱེན་རབ་སྙིང་ལ་ཤར། །
ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས།།
སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ།།
འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས།།
མཚན་སྔགས་ནི། ༀ་ཨཱ་གུ་རུ་ཨ་ཛི་ཏ་བི་ཛ་ཡ་སརྦ་སིདྡྷི་ཧཱུཾ།
🙏🌷🌼🌺🌼🌷🙏

Similar Posts